ན་མོ། རྒྱལ་བའི་དབང་པོ་སྤྲུལ་པའི་གཟུགས་སྐུ་ཉིད། །རེ་ཞིག་བསྡུ་ཡང་འགྲོ་བའི་དོན་དགོངས་ནས། །ཀུན་ལ་གཟིགས་པའི་ཐུགས་རྗེས་མི་བཟོད་པར། །སླར་ཡང་སྤྲུལ་པའི་ཟླ་ཞལ་མྱུར་འབྱོན་གསོལ། །ཐར་འདོད་དམ་ཆོས་འདུལ་བའི་བློ་གྲོས་འོད། །སྐྱེ་རྒུའི་མུན་པ་སེལ་ལ་གསོལ་བ་འདེབས། །གཞན་དོན་དགོངས་པ་མཐའ་ཡས་རྒྱ་མཚོ་ལས། །བཟང་པོའི་རྣམ་མཐར་བསྐྲུན་ལ་གསོལ་བ་འདེབས། །གང་གི་ཡང་སྲས་མཆོག་སྤྲུལ་གསར་པའི་སྐུ། །མྱུར་བ་ཉིད་དུ་འབྱོན་པར་ཐུགས་རྗེས་བཟུང་།། །།